སྒོ་སར་གླིང

སྒོ་སར་གླིང

gewog img
gosarling

སྒོ་སར་གླིང་རྒེད་འོག་འདི་ རྩི་རང་རྫོང་ཁག་ནང་ལུ་ རྒེད་འོག་ ༡༢ ཀྱི་གྲས་ལས་ གཅིག་ཨིན་མི་དེའི་ནང་ མི་རློབས་ ༢༣༨༥ ཡོདཔ་ཨིན། རྒེད་འོག་དེ་ རྫོང་ཁག་ལྟེ་བ་ལས་ ཀི་ལོ་མི་ཊར་ ༡༣ དང་ རྒྱ་མཚོའི་ཚད་ལས་ མཐོ་ཚད་མི་ཊར་ ༧༠༠ ལས་ ༡༣༠༠ གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། རྒེད་འོག་དེའི་འོག་ལུ་ དཔལ་རི་ཐང་དང་། ཕུན་སུམ་སྒང་། འཛོམས་གླིང་ཐང་། འཛམ་གླིང་ཛོར། པདྨ་ཐང་ཟེར་སྤྱི་འོག་ལྔ་དང་། གཡུས་ཚན་ཁག་ ༢༥། གུང་བསྡོམས་ ༢༦༧ ཡོད། རྒེད་འོག་བདག་སྐྱོང་ཡིག་ཚང་ནང་ལུ་ རྒཔོ་རམ་བྷ་དུར་ཀར་ཀི་གིས་གཙོས་པའི་ལས་བྱེདཔ་ལྔ་ཡོདཔ་ཨིན།

རྒེད་འོག་ནང་ལུ་ སྐམ་ཞིང་ཡོངས་བསྡོམས་ ཨེ་ཀར་ ༣༡༢.༨༧ དང་ ཆུ་ཞིང་ ཨེ་ཀར་ ༤༠༥.༩༢ ཡོདཔ་ལས་ ས་ནམ་ས་ཞིང་འདི་ སྐམ་ཞིང་དང་ཕྱདཔ་ད་མང་ཤོས་ཅིག་ ཆུ་ཞིང་ཟ་སྤྱོད་འབདཝ་ཨིན། ལོ་ཐོག་ངོ་མ་ར་ གེ་ཟ་དང་ རེད་བཏབ་ཨིན་རུང་ ཚལ་ལུ་འདི་དངུལ་ཐོག་གི་དོན་ལུ་ཁྱབ་ཆེཝ་སྦེ་བཙུགས་ཡོདཔ་ཨིན།

གོང་འཕེལ་གྱི་ཐོན་སྐྱེད་ཐད་ ས་ནམ་དང་། སྒོ་ནོར། ནག་ཚལ་གྱི་ཞབས་ཏོགས་ཚུ་ག་རང་ རྒེད་འོག་ནང་ལུ་ རང་བཞིན་སླར་འབྱུང་ཐོན་སྐྱེད་རྒྱ་སྐྱེད་ལྟེ་བ་ཚུ་ལས་ཐོབ་ཚུགསཔ་ཨིན། མ་ཎི་གདང་ར་ཟེར་སར་ རྒེད་འོག་གི་སྦུག་ལུ་ར་ནང་པའི་ལྷ་ཁང་དང་ ཅང་ཅེ་ལུ་ཧིན་དྷུའི་ལྷ་ཁང་ཆགས་ཏེ་ཡོདཔ་ཨིན།

འགྲམ་ཕུག་ལས་ཅང་ཅེ་འཁོར་ལམ་འདི་ རྒེད་འོག་བརྒྱུད་དེ་ གཡུས་སྒོ་ བརྒྱ་ཆ་ ༦༠ དེ་ཅིག་གིས་སྤྱོད་ཚུགསཔ་ཨིན། གསོ་བའི་ཞབས་ཏོག་དང་མཐུན་རྐྱེན་ཚུ་ དཀྱིལ་འཁོར་ཐང་རྒེད་འོག་ནང་ལུ་ འགྲམ་ཕུག་སྨན་ཁང་ནང་ལས་འཐོབ་དོ་ཡོདཔ་ཨིན། ཤེས་རིག་གི་ཐད་  བློ་གསར་སློབ་རིམ་ལས་ སློབ་རིམ་དྲུག་པ་ཚུན་ཚོད་ རྒེད་འོག་མི་སྡེའི་སློབ་གྲྭའི་ནང་ལས་སྤེལ་བཞིན་དུ་ཡོད། དེ་བཟུམ་སྦེ་ ཆུ་དུང་གི་ཆུའི་མཐུན་རྐྱེན་དང་ ཆུ་གཡུར་མཐུན་རྐྱེན་ཚུ་ སྤྱི་འོག་ཆ་མཉམ་ནང་ལུ་ཁྱིམ་གུང་ག་རང་གིས་ཐོབ་སྟེ་ཡོདཔ་ཨིན།