རང་འཐག་གླིང

རང་འཐག་གླིང

gewog img
རང་འཐག་གླིང

རང་འཐག་གླིང་རྒེད་འོག་འདི་ ཧེ་མ་འབད་བ་ཅིན་ ཅའོ་ནི་སྟའི་ཟེར་སླབ་ཨིན་རུང་ དེ་རྫོང་ཁའི་ནང་སྐད་སྒྱུར་འབདཝ་ད་རང་འཐག་ལུ་གོ་དོ་ཡོདཔ་ལས་ རང་འཐག་གླིང་ཟེར་ཐད་ཀར་སྐད་སྒྱུར་འབད་དེ་སླབ་སྲོལ་དར་ཁྱབ་བྱུང་ནུག། དེ་ཡང་ ལུང་གཤོང་སྒང་ཏོག་ཁ་ལས་ལྟཝ་ད་ ལུང་གཤོང་དེ་རང་འཐག་གི་དབྱིབས་བཟུམ་སྦེ་མཐོང་ནི་འདི་གིས་ཨིན་པས། རྒེད་འོག་གི་སའི་རྒྱ་ཚད་བསྡོམས་ཀྱིས་ཀི་ལོ་མི་ཊར་ ༢༤.༥ གྲུ་བཞི་དང་ གཡུས་ཚན་༨ ཡོད་མིའི་ནང་ལུ་ གཞི་རྙིངམ་དང་གཞི་གསར་བསྡོམས་ཏེ་ ཁྱིམ་གུང་ ༤༢༣ ཡོད། མི་རློབས་བསྡོམས་ཀྱིས་ ༢༧༠༠ དེ་ཅིག་ཡོདཔ་དང་རྒྱ་མཚོ་ལས་མི་ཀྲར་༦༠༠-༡༦༠༠ གི་ས་ཁར་ཡོད། རྒེད་འོག་འདི་གི་ ཐོན་ཁུངས་གཙོ་བོ་ར་ གེ་ཟ་དང་། བྱཱར། མོནམ་བྱཱ། ཚལ་ལུ་ཚུ་ཨིན། ལོ་ངོ་གསུམ་དེ་ཅིག་གི་ཧེ་མ་དངུལ་ཐོག་ཡང་ རང་འཐག་གླིང་གི་གོན་ལུ་ས་སྒ་དང་སུན་ཀོཤ་སྤྱི་འོག་དོན་ལུ་ སྒོགཔ་ཨིན་པས། དུས་ཅི་ལས་ཕར་ རང་འཐག་གླིང་དང་། དར་རྒྱས། གནས་མེད་ས་ཚུའི་ནང་ལུ་ ཨ་ལཱན་ཅི་བཙུགས་ཡོདཔ་དང་། སུན་ཀོཤ་དང་ཉི་མ་གཟོར་གཡུས་ཚན་གྱི་མི་སེར་ལ་ལུ་ཅིག་གིས་ཨམ་ཅུ་ཀུ་ལི་ཡང་བཙུགས་ནིའི་འགོ་བཙུགས་ཏེ་ཡོ། རྒེད་འོག་བདག་སྐྱོང་ཡིག་ཚང་འདི་ཡང་ རྫོང་ཁག་གི་ལྷོ་ནུབ་ཁ་ཐུག་ ཀི་ལོ་མི་ཊར་ ༤ གི་ས་ཁར་ཆགས་ཡོདཔ་དང་ རྩི་ནག་བཏང་ཡོད་པའི་འཁོར་ལམ་གྱིས་མཐུད་དེ་ཡོདཔ་ཨིན། ས་ཆའི་རང་གཤིས་འདི་ཡངsub-tropics དང་འདབ་མ་སྦོམ་གྱི་ཤིང་རིགས་ཡོད་པའི་ ནགས་ཚལ་གྱིས་བརྒྱ་ཆ་ ༨༠ ཁྱབ་སྟེ་ཡོདཔ་ཨིན། གཡུས་ཁའི་མི་ཚུ་གིས་གསོ་བའི་ཞབས་ཏོག་ཚུ་ རྒེད་འོག་ནང་ཡོད་མི་རྒྱ་སྐྱེད་གྲོང་གསེབ་སྨན་ཁང་གཉིས་དང་ གྲམ་ཕུག་སྨན་ཁང་ལས་ལེནམ་ཨིན། རང་བཞིན་སླར་འབྱུང་ཐོན་སྐྱེད་རྒྱ་སྐྱེད་ཞབས་ཏོག་ལྟེ་བ་ཡོད་ནི་འདི་གིས་དགོས་མཁོའི་ཞབས་ཏོག་མཐུན་རྐྱེན་ལེན་ནིའི་ལུ་ལྷན་ཐབས་འབདཝ་ཨིན།