དཀྱིལ་འཁོར་ཐང་

དཀྱིལ་འཁོར་ཐང་

gewog img
kilkhorthang

དཀྱིལ་འཁོར་ཐང་རྒེད་འོག་འདི་ རྫོང་ཁག་ནང་ལུ་ གོང་འཕེལ་སྦོམ་སྦེ་འགྱོ་དོ་ཡོདཔ་མ་ཚད་ཚོང་འབྲེལ་འཐབ་སའི་རྒེད་འོག་ཅིག་ཨིན། རྒེད་འོག་དེ་ རྩི་རང་རྫོང་ཁག་གི་སའི་ལྟེ་བ་ལུ་ཆགས་ཡོདཔ་མ་ཚད་ ས་ཆའི་རྒྱ་ཚད་ཡང་ ཀི་ལོ་མི་ཊར་ ༡༧.༨༠ གྲུབ་བཞི་དང་། སའི་མཐོ་ཚད་ རྒྱ་མཚོའི་ཚད་ལས་ མི་ཊར་ ༩༠༠ ལས་ ༡༦༠༠ གི་ས་ཁར་ཆགས་ཡོད་པའི་ས་གནས་དེ་གནམ་བྱཱར་ཚ་དྲོད་དང་ལྡན་པའི་ཁར་ དགུན་བསིལ་ཏོང་ཏོ་ཡོདཔ་ཨིན། རྒེད་འོག་ནང་ལུ་སྤྱི་འོག་ལྔ་ཡོད་མི་དེ་ཡང་ བདེ་སྐྱིད་གླིང་། ས་སང་མ། ཉིན་ཟེར་སྒང་། བཀྲིས་གཡང་ལྗོངས། སྨན་ཆུ་སྣ་ཚུ་ཨིནམ་དང་ དེ་ཚུའི་ནང་གཡུས་ཚན་ ༨ ཡོདཔ་ཨིན། ༼ བོག་་རེ་སྨད། བོག་རེ་སྟོད། མི་ཐུན། ཤེར་པ་གའུན། བ་ཏ་སེ། བཀྲིས་གཡང་ལྗོངས། ས་སང་མ། ཉི་ཟེར་སྒང་།༽ རྒེད་འོག་དེའི་ནང་ཁྱིམ་གུང་ ༤༧༩ ནང་ཐོ་བཀོད་མ་གྲུབ་མི་བརྩིས་ཏེ་ མི་རློབས་བསྡོམས་ ༣༡༩༤ ཡོད་ས་ལས་ ཕོ་ ༡༥༨༢ དང་ མོ་ ༡༦༡༢ ཡོདཔ་ཨིན། ནགས་ཚལ་གྱི་ཁྱབ་ཚད་ཡོད་པའི་ས་ཁོངས་འདི་ ས་ཁོངས་ཡོངས་བསྡོམས་ལས་ བརྒྱ་ཆ་ ༦༥% ཡོདཔ་ཨིན། རྒེད་འོག་ནང་ལུ་ རྒེད་འོག་ཚོགས་འདུའི་འཐུས་མི་ བདུན་ཡོད་མི་ཡང་ ཚོགས་པ་ལྔ་ རྒཔོ་དང་དམང་མི་ཨིནམ་དང་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ལྔ་ཡོདཔ་ཨིན།

རྫོང་ཁག་བདག་སྐྱོང་ལྟེ་བའི་ཡིག་ཚང་དང་། གྲྭ་ཚང་། འགྲམ་ཕུག་སྨན་ཁང་། འགྲམ་ཕུག་སློབ་གྲྭ་ལྟེ་བ། འགྲམ་ཕུག་འབྲིང་རིམ་སློབ་གྲྭ་འའབར་མ། རྫོང་ཁག་ཚོང་འབྲེལ་འཐབ་སའི་ལྟེ་བ། འགྲམ་ཕུག་ཁྲོམ་ཚུ་ག་ར་ རྒེད་འོག་དེའི་ནང་ཆགས་ཏེ་ཡོདཔ་ཨིན།་ 

གོང་འཕེལ་མཐུན་རྐྱེན་གྱི་ཐད་ ཉི་ཟེར་སྒང་སྤྱི་འོག་ནང་ལུ་ གྲོང་གསེབ་སྨན་ཁང་གཅིག་དང་། སློབ་གྲྭ་ཆུང་བ། སྤྱི་དོན་ཁང་། དེ་མ་ཚད་གཡུས་སྒོ་ག་ར་ གློག་མེ་དང་བརྒྱུད་འབྲེལ་གྱི་མཐུན་རྐྱེན་ཚུ་ཐོབ་ཏེ་ཡོད། དབང་འདུས་ཕོ་བྲང་དང་གསར་སྤངས་རྫོང་ཁག་གི་གཞུང་ལམ་དང་གཅིག་ཁར་ ས་ལ་མི་ལས་གདུང་ལ་སྒང་ འཁོར་ལམ་གྱིས་ གཡུས་སྒོ་མང་ཤོས་ཅིག་ནང་ལྷོད་ཚུགསཔ་ཨིན། ཁྱིམ་གུང་མང་ཤོས་ཅིག་ར་ ཆུ་གདུང་གི་ཆུའི་མཐུན་རྐྱེན་ལས་ཁེ་ཕན་བྱུང་ཡོདཔ་ཨིན། རྒེད་འོག་ནང་ལུ་ བྱ་གསོ་སྐྱོང་གི་ཚོགས་པ་གཅིག་དང་། སྒོ་ནོར་ཐོན་སྐྱེད་སྡེ་ཚན་གཅིག། མི་སྡེ་ནག་ཚལ་སྡེ་ཚན་གཅིག། སྤྱི་འོག་རེ་ལུ་ཚོགས་པ་རེ་བརྩིས་ཏེ་ སྤྱི་འོག་ལྔའི་ནང་ ཚོད་བསྲེ་ཚོགས་པ་ལྔ་ཡོདཔ་ཨིན། རྒེད་འོག་ནང་ལུ་ ཆུ་གཡུར་ ༡༨ ཡོད་མི་དེ་ རིང་ཚད་ ཀི་ལོ་མི་ཊར་ ༣༥.༧ ཡོད། ཆོས་དང་ལམ་སྲོལ་གྱི་ཐད་ རྒེད་འོག་ནང་ལུ་ ས་སང་མ་སྤྱི་འོག་ནང་ ལྷ་ཁང་གཅིག་དང་ ཉི་ཟེར་སྒང་སྤྱི་འོག་ནང་ ཆུ་འཁོར་མ་ཎི་གཅིག་ཡོདཔ་ཨིན།

སྐམ་ཞིང་དང་ཆུ་ཞིང་ཁྱབ་ཚད་ཆེ་ཏོག་ཏོ་སྦེ་ཟ་སྤྱོད་འབདཝ་མ་ཚད་ ལོ་ཐོག་གཙོ་བོ་ གེ་ཟ་དང་ བྱཱ་ཨིན་རུང་ དངུལ་ཐོག་གི་འོང་འབབ་གཙོ་བོ་ ཚལ་ལུ་འདི་ཁྱབ་ཆེ་ཏོག་ཏོ་སྦེ་བཙུགས་ཡོདཔ་ཨིན།