ཕུན་རྟེན་ཆུ

ཕུན་རྟེན་ཆུ

gewog img
ཕུན་རྟེན་ཆུ

ཕུན་རྟེན་ཆུ་རྒེད་འོག་འདི་ རྩི་རང་རྫོང་ཁག་ལས་ བྱང་ཤར་ཁ་ཐུག་ དབང་འདུས་དང་། ཀྲོང་གསར། གསར་སྤང་རྫོང་ཁག་ཚུ་དང་གཅིག་ཁར་ས་མཚམས་མཐུད་དེ་ཡོདཔ་ཨིན། རྒེད་འོག་གི་སའི་རྒྱ་ཚད་བསྡོམས་ཀྱིས་ ཀི་ལོ་མི་ཊར་ ༡༣༢.༣༢ གྲུ་བཞི་ཡོདཔ་དང་ རྒྱ་མཚོའི་ཚད་ལས་མཐོ་ཚད་མི་ཊར་ ༧༠༠ ལས་ ༡༣༠༠ གི་ས་ཁར་ཡོད། སའི་རྒྱ་ཚད་བརྒྱ་ཆ་ ༦༨.༢ དེ་ཅིག་ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་དང་དེ་ཡང་ མང་ཤོས་ཅིག་འདབ་མ་སྦོམ་གྱི་ཤིང་སྣ་དང་སྟོང་ཕུག་ཤིང་གི་རིགས་ཡོདཔ་ཨིན། སོ་ནམ་གྱི་དོན་ལུ་ས་གཞི་བརྒྱ་ཆ་༡༥.༣ ལག་ལེན་འཐབ་སྟེ་ཡོད། དེའི་ནང་ གཡུས་ཚན་ ༡༤ དང་མི་རློབས་ ༢༦༩༣ ཡོད། རྒེད་འོག་ནང་ ཁྱིམ་གུང་བསྡོམས་ཀྱིས་ ༣༡༣ ཡོད་ས་ལས་ ཁྱིམ་གུང་ ༧༩ གཞི་གསར་ཨིན། རྒེད་འོག་དེའི་ནང་ལུ་མི་སྡེ་སློབ་གྲྭ་ཆུང་བ་གཅིག་དང་། རང་བཞིན་སླར་བྱུང་ཐོན་སྐྱེད་ལྟེ་བ་གཅིག། རྒེད་འོག་ཡིག་ཚང་། གྲོང་གསེབ་སྨན་ཁང་གཉིས་ཡོད་པའི་ཁར་ རྩི་རང་སྟོད་རྒེད་འོག་དང་གཅིག་ཁར་སོ་ནམ་ཞིང་ལམ་གྱིས་མཐུད་དེ་ཡོད། དེ་མ་ཚད་མོ་བའིལ་གྱི་ཁྱབ་ཚད་བརྒྱ་ཆ་ ༩༧ དང་། གློག་མེ་གི་ཁྱབ་ཚད་བརྒྱ་ཆ་ ༥༠། གྲོང་གསེབ་འཐུང་ཆུ་བཀྲམ་སྤེལ་ལས་རིམ་བརྒྱ་ཆ་ ༩༩ ཁྱབ་སྟེ་ཡོདཔ་ཨིན། སོ་ནམ་དང་སྒོ་ནོར་གསོ་སྐྱོང་འཐབ་ནི་འདི་རྒེད་འོག་དེ་གི་འཚོ་ཐབས་གཙོ་བོ་ཅིག་ཨིན། དེ་བཟུམ་སྦེ་ བྱཱར་དང་། མོནམ་བྱཱ། གེ་ཟ་ཚུ་ལོ་ཐོག་གཙོ་བོ་ཆེ་ཤོས་ཅིག་ཨིན། ཤིང་འབྲས་སྐྱུརཔོ་ citrus འདི་དངུལ་ཐོག་གཙོ་བོ་ཅིག་ཨིན་པའི་ཁར་ ད་རེས་ནངས་པར་རིན་གོང་ལེགས་ཤོམ་འཐོབ་དོ་ཡོདཔ་ལས མི་སེར་ཚུ་གིས་ཨ་ལཱན་ཅི་ལེ་ཤ་བཙུགས་དོ་ཡོདཔ་ཨིན། རྒེད༌འོག༌དེའི་ནང༌སྤྱི༌འོག༌ལྔ༌ལུ་བགོ༌སྟེ༌ཡོད་མི་ཚུ༌ཡང༌ བཀྲིས༌ཆོས༌གླིང༌དང་། ནོར༌བུ༌ཐང། གསེར༌གཞོང༌། དཔལ༌འབྱོར༌གླིང༌། སྟོང༌ཤིང༌སྒང༌ཚུ༌ཨིན། རྒེད༌འོག་དེའི་ནང༌ལུ་གཡུས་ཚན་ ༡༣ དང་ མི་རློབས་བསྡོམས་ཀྱིས་ ༢༦༨༢ ཡོད། མི་རིགས་ཡང་མང་ཤོས་ར་ ཤར་ཕྱོགསཔ་དང་། ཁེངས་པ། ལྷོ་མཚམས་པ། གཞན་ཚུ་ག་ར་ཤོ་མཉམ་སྦེ་ཡོདཔ་ཨིན།